འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མི་དམངས་མང་ཚོགས་ཀྱིས་ཐེམ་ཐོའི་དོ་དམ་ཞབས་ཞུའི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་དང་རེ་སྒུག་གསར་པར་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བརྡ་ལན་ཧུར་ཐག་བསློགས་ཏེ། བྲག་ཡིབ་ཆུས་དང་ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་སྔར་ཡོད་ཀྱི་ལས་སྒོའི་རྨང་གཞིའི་ཐོག“ཐེམ་ཐོའི་ལས་སྒོའི་རང་འདོད་སྒྲུབ་གཉེར”གྱི་འབྲེལ་ཡོད་སྒྲིག་ཆས་ལེགས་སྒྲིག་བྱས་པ་རེད།
མིག་སྔའི་བར་བྲག་ཡིབ་ཆུས་དང་ཀོང་པོ་རྒྱ་མདའ་རྫོང་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཐེམ་ཐོའི་སྡེ་ཚན་གྱིས་རང་འདོད་སྒྲིག་ཆས་སྤྱད་ནས་མི་170ལྷག་ཙམ་ལ་ཐོབ་ཐང་ལག་ཁྱེར་སྒྲུབ་གཉེར་རེ་ཞུ་བྱས་པ་དང་། ཐོབ་ཐང་ལག་ཁྱེར་120ལྷག་ཙམ་སྤྲད་པ། ཐེམ་ཐོའི་རིགས་ཀྱི་དཔང་རྟགས་10ལྷག་ཙམ་མཁོ་འདོན་བྱས་ཡོད་པ་རེད།
ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇཊ་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་བདེའི་ཆ་འཕྲིན་ཅན་བསྐྲུན་ནས། སྤྱི་བདེའི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་གྲངས་གཞི་མང་ཙམ་སྤྱད་དེ་མང་ཚོགས་འགྲོ་སྐྱོད་ཉུང་ཙམ་ཐུབ་པ་བྱ་རྒྱུ་རེད།