དཔྱིད་གསར་དུས་ཆེན་གྱི་ངལ་གསོ་མཇུག་འགྲིལ་བ་དང་ཆབས་ཅིག ཚན་པ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ལས་ཐོན་བསྐྱར་ཚུགས་བྱས་པ་དང་། མི་ཚོགས་སྟུག་ལ་གཉེར་སྐྱོང་བྱེད་སྒོ་ཡང་སྤེལ་མང་བར་བརྟེན་བདེ་འཇགས་ཐོན་སྐྱེད་དང་ལྷག་དོན་དུ་མེ་ཟོན་བདེ་འཇགས་ལས་དོན་དེ་བས་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད། དུས་ཆེན་རྗེས་ཀྱི་ལས་ཐོན་བསྐྱར་ཚུགས་ཚན་པའི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། ཉིན་ཤས་བསྟུད་མར་གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ལས་ཐོན་བསྐྱར་ཚུགས་ཚན་པར་བསྐྱོད་ནས་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་པ་དང་། བདེ་འཇགས་ཀྱི་འགན་འཁྲི་ནན་དུ་བཏང་བ། གཞིས་རྩེ་གྲོང་ཁྱེར་གྱི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཅིག་སྡུད་སེལ་བའི་འགག་སྒྲོལ་བཅོས་སྒྲིག་ཆེ་མོར་སྐུལ་འདེད་གཏོང་བའི་བྱེད་སྒོར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་དང་། ཚན་པས་ལས་འགོ་ཚུགས་རིང་མེ་ཟོན་བདེ་འཇགས་ཡག་པོ་ཡོང་བ་དང་མེ་སྐྱོན་གྱི་ལས་འཛོལ་མ་ཐོན་སྔོན་འགོག་ཐུབ་པའི་འགན་ལེན་བྱས་ཤིང་། འདི་ནི་གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་མེ་ཟོན་ལྟ་སྐུལ་མི་སྣས་གཞིས་རྩེ་གྲོང་ཁྱེར་གྱི་གཉིས་ཁེ་གཉིས་ཕན་སྒོ་རྩིས་ཚོང་ཁང་དུ་མེ་ཟོན་ཡོ་བྱད་ལ་ཞིབ་བཤེར་བྱེད་བཞིན་པ།