ས་གནས་མང་པོས་ཁང་ཁྲོམ་སྙོམས་སྒྲིག་སྲིད་ཇུས་ལེགས་སུ་བཏང་བ།
ས་ཁང་ཐོན་ལས་ཁྲོམ་ར།
ཉེ་དུས་ཀོང་ཀྲོའུ་དང་ཧྲང་ཧའེ་སོགས་གྲོང་ཁྱེར་གྱིས་ཁང་ཁྲོམ་སྙོམས་སྒྲིག་སྲིད་ཇུས་སྔ་རྗེས་སུ་ལེགས་སུ་བཏང་བ་རེད། ཀོང་ཀྲོའུ་ཡིས་སྨི་ངོས་གྲུ་120ཡན་གྱི་སྡོད་ཁང་གི་བཀག་ཉོའི་སྲིད་ཇུས་མེད་པར་བཟོས་པ་དང་། ཧྲང་ཧའེ་ཡིས་ཆ་རྐྱེན་འཛོམས་ཤིང་ཐེམ་ཁོངས་ཧྲང་ཧའེ་ནས་མིན་པའི་མི་ཧྲེང་གིས་སྡོད་ཁང་ཉོ་ཆོག་པའི་མོས་མཐུན་བྱས་པ་རེད།
སྡོད་ཁང་ལས་དོན་པས། སྡོད་ཁང་འཛུགས་སྐྲུན་པུས“གྲོང་ཁྱེར་དང་བསྟུན་ནས་ཇུས་བསྟར”བྱེད་དགོས་པའི་ནན་བཤད་བྱས་རྗེས། ཀོང་ཀྲོའུ་དང་ཧྲང་ཧའེ་སོགས་གྲོང་ཁྱེར་གྱིས་ལམ་སེང་བཀག་ཉོའི་བྱ་ཐབས་ལེགས་སྒྲིག་བྱས་པ་དེས་ཁང་ཉོའི་དགོས་མཁོ་སྔར་བས་སྐོང་བར་ཕན་པ་ཡོད་ལ། སྔོན་དཔག་བརྟན་པོ་དང་། ཡིད་ཆེས་ཆེར་གཏོང་། ས་ཁང་ཐོན་ལས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་བཅས་ལའང་ཕན་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།