《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月27日

ལྷོ་བྲག་རྫོང་གིས།

གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷོ་བྲག་ནས་གནས་ཚུལ་འབྱོར་གསལ། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྐད་བེད་སྤྱོད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར་ལྷོ་བྲག་རྫོང་ཨུད་རྩ་འཛུགས་པུས་རྫོང་ཨུད་ཏང་གི་སློབ་གྲྭ་དང་མཉམ་དུ་ལྷོ་བྲག་རྫོང་གི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཁྱོན་སློབ་མ་30གསོ་སྦྱོང་ནང་ཞུགས་ཤིང་། དེའང་ལྷོ་བྲག་རྫོང་གིས་རྫོང་དེའི་སློབ་འབྲིང་གི་ཆེད་ལས་དགེ་རྒན་སྒྲིག་འཛུགས་བྱས་ནས་སློབ་མར་སློབ་ཚན་ཁྲིད་པ་མ་ཟད། རྫོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་གདན་དྲངས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སོགས་ལ་དམིགས་ནས་སློབ་མར་ཆེད་དོན་སློབ་གསོ་སྤེལ་ཞིང་། གསོ་སྦྱོང་མཇུག་འགྲིལ་རྗེས། གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མ་སྒྲིག་འཛུགས་ཀྱིས་ཚོད་ལྟ་རྒྱུགས་ལེན་བྱས་ནས། སློབ་མའི་རྒྱལ་ཁབ་ཀྱི་སྤྱི་སྐད་ཁོང་དུ་ཆུད་ཚད་དང་བེད་སྤྱོད་བྱས་ཚུལ་ལ་ཞིབ་དཔྱད་བྱས་པ་རེད།