《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月06日

འུག་པ་རྨས་མ་ཞིག་བསྐྱབས་པ།

ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཕོ་བྲང་ཤང་མངགས་གཏོང་ཁང་གི་ལས་རེས་མི་དམངས་ཉེན་རྟོག་པས་དམིགས་བསལ་གྱི“མགྲོན་པོ”ཞིག་བསུས་པ་རེད།

དེ་ཡང་། མང་ཚོགས་གཅིག་རླངས་འཁོར་བཏང་ནས་ཕོ་བྲང་ཤང་ཤར་སྒོ་གྲོང་ཚོའི་ཉེ་འགྲམ་གྱི་ལམ་དུམ་དུ་སྐྱོད་སྐབས། འུག་པ་འདྲ་བའི་འདབ་ཆགས་ཤིག་འཕུར་མ་ཐུབ་པར་ལམ་དཀྱིལ་དུ་ལུས་པ་མཐོང་། ཁོང་གི་ཡིད་ལ་འདབ་ཆགས་དེ་ལམ་དཀྱིལ་དུ་འཕུར་མ་ཐུབ་པར་ལུས་ན་ཉེན་ཁ་ཧ་ཅང་ཆེ་སྙམ་ནས་མངགས་གཏོང་ཁང་དུ་བསྐྱལ་བ་རེད།

ཆེད་ལས་མི་སྣར་བློ་འདྲི་བྱས་པ་བརྒྱུད། འདབ་ཆགས་དེ་ནི་འུག་པའི་རིགས་ཤིག་ཡིན་པ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་ཤེས། མིག་སྔར་འུག་པ་དེ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ནགས་ཚལ་དང་རྩྭ་ཐང་ཅུས་ལ་ཆེད་ལས་རོགས་སྐྱོབ་བྱེད་པར་རྩིས་སྤྲད་པ་རེད།