《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月30日

མཉམ་སྡོད་མཉམ་སྦྱོང་དང་མཉམ་སྐྲུན་མཉམ་སྤྱོད་བྱེད་པ།

འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་གྱི་ལས་དོན་པས་ཁོངས་གཏོགས་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་གྱི་ཧུད་རིགས་ཚོང་པ་སུའུ་ཧྲན(གཡོན་གྱི་དང་པོ)གྱིས་བོད་རིགས་འཛད་སྤྱོད་པར་ཚོང་ཟོག་སྤྲོད་བཞིན་པ།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ས་ཁུལ་ཁག་གིས་ཡུལ་བབ་དང་བསྟུན་ནས་སྒར་རེས་རྣམ་པའི་སྡེ་ཁུལ་བསྐྲུན་ཞིང་། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཀྱི་རྣམ་པ་ཞིག་ཆགས་ཏེ། རྒྱ་རིགས་དང་། བོད་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་མང་པོ་ཞི་མཐུན་མཉམ་གནས་ཀྱི་ཁྲོམ་གཞུང་དང་ཁྱིམ་ཚང་བཏོད་ཡོད།