ཉེ་ཆར། གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
“རླབས་ཆེན་མེས་རྒྱལ་གྱིས་ང་ལ་ལས་འགན་ལྕི་པོ་དཀྲིས་པ་དང་། བསྐྱར་དར་མི་རིགས་ཀྱིས་ང་ལ་སྟོབས་ཤུགས་ཚད་མེད་སྦྱིན་བྱུང”ཞེས་པའི་མི་དམངས་ཉེན་རྟོག་པའི་གླུ་དབྱངས་ལྷང་ལྷང་དུ་གྲགས་པ་དང་བསྟུན་ནས་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཡོངས་ཀྱི་དད་གུས་ཀྱི་མིག་ཟུང་དལ་བུར་སྒྲེང་བཞིན་པའི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དར་ཆར་ཕྱོགས།
“ཉེན་རྟོག་པའི་དུས་ཆེན་སྐབས་སུ་མི་དམངས་ཉེན་རྟོག་པའི་གོ་རྟགས་སྤོར་བའི་མཛད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་མཛད་སྒོ་འཚོགས་རྗེས་ཉེན་རྟོག་པའི་དམ་བཅའ་བསྐྱར་དྲན་བྱས་པ་དང་དམ་བཅའ་བརྟན་པོར་བཞག་པ་དེ་ཐོག་ནས་མི་དམངས་ཉེན་རྟོག་པས་ཏང་དང་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་དང་དགའ་ཞེན་ཚད་མེད་བྱེད་ལུགས་མཚོན་ཡོད། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ལ་ལྷག་བསམ་རྣམ་དག་བྱེད་པའི་བསམ་བློ་བརྟན་པོར་འཛུགས་པ། ཉེན་རྟོག་པའི་ཐོག་མའི་བསམ་འདུན་མི་བརྗེད་པ། ཉེན་རྟོག་པའི་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་པ་རེད།