ཉེ་ཆར། ཉིང་ཁྲི་ཀླུ་ཞར་མཐའ་མཚམས་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་ཁོངས་གཏོགས་ཁུལ་གྱི་ཁམ་བུ་རྭ་གྲོང་ཚོའི་ཏང་ཀྲི་པུའི་ཏང་འཛུགས་སྐྱོང་དང་རིག་གནས་དང་མི་རིགས་མཐུན་སྒྲིལ་གྱི་འགྲེམས་སྟོན་ཁང་དུ་ལྟ་སྐོར་ལ་ཁྲིད་པ་མ་ཟད། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཡང་སྤེལ་བ་རེད། མི་དམངས་ཉེན་རྟོག་པས་འགྲེམས་ཁང་རེ་རེ་དང་། པར་རིས་རེ་རེ། བརྙན་ཐུང་རེ་རེ་བཞིན་ལ་ལྟ་སྐོར་ནན་ཏན་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་ས་གནས་དེ་གའི་ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་འཕེལ་རྒྱས་ཐད་གྲུབ་འབྲས་ཇི་ལྟར་ཐོབ་ཡོད་མེད་ལ་ཚང་མར་རྒྱུས་མངའ་གཏིང་ཟབ་བྱུང་ཡོད། འདི་ནི་མི་དམངས་ཉེན་རྟོག་པས་འགྲེལ་བཤད་ཉན་བཞིན་པ།