《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月23日

༄༅། །གཏམ་དཔེ་རྣ་བའི་བུ་རམ།

ང་སྤགས་ལས་བཟོས་པའི་མི་དང་། །

ཁྱོད་ལྕགས་ལས་གྲུབ་པའི་ཁྱི་མ་རེད། །

ང་རྒྱལ་གྱི་གོང་བུར། །

ཡོན་ཏན་གྱི་རྩྭ་མི་སྐྱེ།

ངན་པས་སྡེ་དཔོན་བྱེད་པ་དེ། །

སྤྱང་ཀིས་ལུག་རྫི་བྱེད་པ་ཡིན། །

ནགས་འགྲམ་ན་མེ་ཤིང་དཀོན། །

ཆུ་འགྲམ་ན་ཇ་ཆུ་དཀོན། །

ནམ་མི་ལངས་ཀ་མེད་ཉི་མས་འདེད། །

མཚན་མི་རུབ་ཀ་མེད་མུན་པས་འདེད། །

དཀའ་ལས་བརྒྱབ་པའི་དཀའ་ཆང་དང་། །

མཛོ་ཕོ་བསད་པའི་སྡིག་གླ།

རྐང་པ་ཆུ་ལ་མ་རེག་པར།

ཉ་མོ་ལག་པས་འཛིན་ཐབས་མེད།

རྐྱང་ཕོ་ཧྲེང་ལ་ཆུ་མི་རག

མི་ཕོ་ཧྲེང་མི་ཚེ་མི་འཁྱོལ།