ཉིན་ཤས་གོང་། ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོར་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས་སྤེལ་ནས། ས་གནས་དེ་གའི་དམངས་ཚོགས་ལ་ཀྲུང་གོའི་སྲོལ་རྒྱུན་རིག་རྩལ་འཁྲབ་སྟོན་དང་ཀྲུང་གོའི་ཞིམ་ཟས་ཀྱི་རོ་བཅུད་མྱོང་བ་སོགས་ཀྱི་ཉམས་ལེན་བྱེད་སྒོ་སྣ་ཚོགས་སྤེལ་བར་ས་གནས་དེ་གའི་དམངས་ཚོགས་ཆིག་ཁྲི་ཙམ་ཞུགས་པའི་ཡིད་དབང་བཀུག་ཡོད། འདི་ནི་འཁྲབ་སྟོན་པས་ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོར་གཉེར་བའི་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་རྟེན་འབྲེལ་བྱེད་སྒོ་སྤེལ་རིང་འབྲུག་རྩེད་འཁྲབ་བཞིན་པ།