2023ལོ་ནས་བཟུང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ཁེ་ལས་ལ་དམིགས་ཏེ་སྒྲུབ་གཉེར་གྱི་བརྒྱུད་རིམ་དང་། སྒྲུབ་གཉེར་གྱི་དུས་བཀག ཕན་པ་ཐོབ་ཚད་སོགས་ཀྱི་ཐད་རྒྱུན་མཐུད་ཤུགས་བརྒྱབ་ནས་གཉེར་སྐྱོང་བྱེད་པོ“འགག་སྒོ་དང་པོ”ནས་བདེ་བླག་ངང་ཐོན་པར་རམ་འདེགས་བྱས་ཡོད། འདི་ནི་གཉེར་སྐྱོང་བྱེད་པོས་ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་སྐར་ཁུང་དུ་ལས་སྒོ་གཉེར་བཞིན་པ།