ཐུགས་མཐུན་འདུལ་ཁྲིམས་གཙང་བའི། །
ངུར་སྨྲིག་དགེ་འདུན་རྣམ་པ། །
དུས་དང་རྣམ་པ་ཀུན་དུ། །
འདུ་ཤེས་གསུམ་པོར་སྦྱོངས་དང་། །
འདུ་ཤེས་འདུ་ཤེས་ཞེས་པ། །
ཚིག་ལ་འགྲེལ་པ་ཞུས་ན། །
མཚན་མར་འཛིན་པའི་དོན་ཡིན། །
དཔེར་ན་ཕ་བུའི་འདུ་ཤེས། །
འདུ་ཤེས་གསུམ་གྱི་ནང་ནས། །
དང་པོ་རྒྱལ་ཁབ་འདུ་ཤེས། །
སྤྱི་དམངས་ཤིག་གི་ངོས་ནས། །
རྒྱལ་ཁབ་རང་གི་ཁྱིམ་ཚང་། །
ཁྱེད་ཉིད་གྲྭ་བཙུན་ཡིན་ཡང་། །
སྤྱི་དམངས་བརྟུལ་ཞུགས་བཟུང་ཡོད། །
དེ་བསྟུན་རྒྱལ་ཁབ་འདུ་ཤེས། །
དགོས་པ་འུ་ཚོའི་འོས་འགན། །
ཆོས་དང་རྒྱལ་ཁབ་བསྡུར་ན། །
རྒྱལ་ཁབ་ཆེ་བ་ཤེས་དགོས། །
གཅིག་མཐུན་འདུས་གྲུབ་བཏོད་ནས། །
མཐུན་སྒྲིལ་སྣེ་འཁྲིད་གནང་དགོས། །
འདུ་ཤེས་གསུམ་གྱི་ནང་ནས། །
གཉིས་པ་སྤྱི་དམངས་འདུ་ཤེས། །
སྤྱི་དམངས་སྤྱི་དམངས་ཞེས་པ། །
རྒྱལ་ཁབ་ཁོངས་མི་ཡིན་ནོ། །
ཁྱེད་རང་ཚད་དང་མཐུན་པའི། །
སྔོན་ཐོན་གྲྭ་བཙུན་བརྩོན་ནས། །
དད་ལྡན་མང་ཚོགས་རྣམས་ལ། །
ཡང་དག་ཁྲིད་སྟོན་གནང་དགོས། །
ཆོས་འབངས་སྤྱི་དམངས་བསྡུར་ན། །
སྤྱི་དམངས་ཆེ་བ་ཤེས་དགོས། །
རང་ངོས་ནུས་པ་བཏོན་ནས། །
བོད་གསར་འཛུགས་སྐྲུན་འབད་དགོས། །
འདུ་ཤེས་གསུམ་གྱི་ནང་ནས། །
གསུམ་པ་ཁྲིམས་སྐྱོང་འདུ་ཤེས། །
ཁྲིམས་སྐྱོང་ཁྲིམས་སྐྱོང་ཞེས་པ། །
རྒྱལ་ཁྲིམས་གོང་བཀུར་ཡིན་ནོ། །
འདུལ་ཁྲིམས་རྒྱལ་ཁྲིམས་བསྡུར་ན། །
རྒྱལ་ཁྲིམས་ཆེ་བ་ཤེས་དགོས། །
རྒྱལ་གཅེས་ཆོས་གཅེས་གནང་ནས། །
སྒྲིག་བཀུར་ཁྲིམས་སྲུང་གནང་དགོས། །
འབངས་ལ་རྒྱལ་ཁྲིམས་མེད་ན། །
བཙན་པོས་ཅི་བཤད་ཡིན་པས། །
ཁྲིམས་ཀྱི་འདུ་ཤེས་ཡོད་དགོས། །
ཁྲིམས་ལུགས་སློབ་སྦྱོང་གནང་དང་། །