《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月16日

ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན།

ཧྥེ་ལི་ཁེ་སི·ཏ་ཕཱ་ལེ·ཏ་ཁོ་ལ་ནི་ཨ་ཧྥེ་རི་ཁའི་ཚན་རིག་ཁང་གི་ཡོན་ཀྲང་དང་ལྷོ་ཨ་ཧྥེ་རི་ཁའི་ཚེ་ཝ་ཉི་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རེད་ལ། ལྷོ་ཨ་ཧྥེ་རི་ཁའི་ཚན་རིག་ཁང་དང་། ཀྲུང་གོ་བཟོ་སྐྲུན་ཁང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚན་རིག་ཁང་བཅས་ཀྱི་ཡོན་ཧྲི་ཡང་རེད། 2022ལོར་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་པ་རེད། ཏ་ཁོ་ལ་ཡིས“ཀྲུང་གོས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད། འཛམ་གླིང་གི་10%ཡང་མ་ཟིན་པའི་རྨོ་ཞིང་སྤྱད་དེ་གོ་ལ་ཧྲིལ་པོའི་མི་འབོར་20%ཙམ་གྱི་ལྟོ་ཆས་ཀྱི་གནད་དོན་ཐག་གཅོད་བྱས་པ་དེའི་ཁྲོད་ཀྱི་ཉམས་མྱོང་མང་པོ་ཞིག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་རེད”ཅེས་བརྗོད། 2016ལོ་ནས་བཟུང་། ཀྲུང་གོའི་ལོ་ཏོག་སོན་གསོའི་རིགས་གཅིག་མཁས་ཅན་ཅཱ་དབྱིན་སོའོ་ཡི་གདན་ཞུས་ལྟར། ཏ་ཁོ་ལ་ཧོ་པེའི་ལི་ཁྲ་ཏེ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིར་ཞུགས་ནས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོའི་སྔོ་སྨན་མཉམ་འབྲེལ་ཚོད་ལྟ་དང་ཐོན་རྫས་ཞིབ་སྤེལ་བྱེད་པར་སྐུལ་འདེད་བཏང་བས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིང་ལས་ཚན་ཞིབ་མཉམ་ལས་དང་། མཉམ་ལས་འགག་སྒྲོལ། མཁས་དབང་ཕན་ཚུན་འཚམས་འདྲི། མཉམ་འབྲེལ་གསོ་སྦྱོང་སོགས་ཕྱོགས་མང་པོའི་ཐད་ཀྱི་མཉམ་ལས་ཟབ་ཏུ་ཕྱིན་ཡོད། ཏ་ཁོ་ལ་ཡིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིང་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ་དངོས་སུ་དོན་འཁྱོལ་ཐུབ་རེ་བྱེད་པ་དང“ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཞིང་ལས་མཉམ་ལས་ཀྱི་མདུན་ལམ་ཧ་ཅང་རྒྱ་ཆེ་བས། ཨ་ཧྥེ་རི་ཁ་དང་ཀྲུང་གོ་མུ་མཐུད་ལག་གདང་སྦྲེལ་ནས་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན”ཞེས་བརྗོད།

ཀྲུང་གོ་ཚན་རྩལ་པུའི་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣའི་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་2023ལོའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱི་ཚན་རིག་འཆད་ཁྲིད་བྱེད་སྒོ་རབ་དང་རིམ་པར་ཁྱབ་ཁོངས་ཁག་གི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཀྲུང་གོའི་སློབ་མ་དང་ཁྱིམ་བདག་ལ་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་ཞིང་། འདི་ནི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན(གཡས)ཞིག་གིས་པེ་ཅིང་གནམ་དཔྱད་ཁང་དུ་དངོས་ཁམས་འཆད་ཁྲིད་བྱེད་བཞིན་པ།

འདི་ནི་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའི་རྟགས་མ་ཡིན་པ།

གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་མཐོ་ས་སྐྲུན་པར་སྐུལ་འདེད་གཏོང་ཆེད། ཀོང་ཏུང་ཀྲུང་ཧྲན་གྲོང་ཁྱེར་གྱིས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཀོང་ཏུང་དུ་བསྐྱོད་པའི་བྱེད་སྒོ་སྤེལ་ནས་ཚན་རྩལ་གསར་གཏོད་དང་། ཤེས་ལྡན་པ་རྩེ་གྲ་ནང་འདྲེན། ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་སོགས་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ཞིང་། འདི་ནི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་ཁེ་ལས་ལ་ལྟ་སྐོར་བྱེད་བཞིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཡན་ཡུན་མིང་། ཝང་ཞའོ་པོ། ཚུའེ་ཆི།

ཨར་པོ་ཐོ·ཁོ་ནེ་ཧོ·ནཱ་བ།

ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན་པེ་ཅིང་ཚན་རྩལ་སློབ་ཆེན་བཙོ་སྦྱངས་དང་སྐྱེ་ཁམས་ལས་གྲྭ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཨར་པོ་ཐོ·ཁོ་ནེ་ཧོ·ནཱ་བ་ཡིས། ཀྲུང་གོར་ཐོབ་པའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་རྒྱབ་སྐྱོར་སོགས་ནི་ང་རང་ཀྲུང་གོར་གཞིས་ཆགས་པའི་རྒྱུ་མཚན་གཙོ་བོ་དེ་ཡིན་ཞེས་བརྗོད།

2018ལོ་ནས་བཟུང་། ཁོ་ནེ་ཧོས་པེ་ཅིང་ཚན་རྩལ་སློབ་ཆེན་དུ་དགེ་རྒན་བྱེད་འགོ་ཚུགས་ཤིང་། 2021ལོའི་ཟླ་10པར། ཁོ་ནེ་ཧོར་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་ནས་མཚན་སྙན་དེ་ཐོབ་མཁན་མོ་ཞི་ཁོ་ཡི་རིགས་གཅིག་མཁས་ཅན་ཐོག་མ་དེར་གྱུར་ཡོད།

ཁོ་ནེ་ཧོའི་ངོས་ནས་བརྗོད་ན། ཀྲུང་གོ་སྲིད་གཞུང་གིས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་དེ་བཞིན་ཁེ་ལས་ལ་ཁྲིད་སྟོན་བྱེད་པ་སོགས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་ནི་ཀྲུང་གོར་ཚན་ཞིབ་གྲུབ་འབྲས་མང་པོ་ཐོབ་པའི་འགན་ལེན་གལ་ཆེན་ཞིག་རེད། 2022ལོར་ཀྲུང་གོའི་སྤྱི་ཚོགས་ཡོངས་སུ་ཞིབ་སྤེལ་ཐད་བཏང་བའི་མ་དངུལ་ནི་2012ལོའི་ལྡབ་3ཡིན་ལ། འཛམ་གླིང་དུ་ཞིབ་སྤེལ་ཐད་མ་དངུལ་གཏོང་མཁན་རྒྱལ་ཁབ་ཆེ་གྲས་གཉིས་པར་བརྟན་པོར་གནས་ཡོད།

“ཀྲུང་གོར་ལས་ཀ་བྱེད་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་མང་པོའི་ངོས་ནས་བརྗོད་ན། ཀྲུང་གོས་ཁོང་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཆ་རྐྱེན་བསྐྲུན་ཡོད། ཁོང་ཚོ་དང་འདྲ་བར་ངས་ཀྱང་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་མི་དེ་བས་མང་བར་བརྗོད་པའི་སེམས་ཤུགས་ཡོད”ཅེས་ཁོ་ནེ་ཧོ་ཡིས་བརྗོད།

མཱ་ཞའོ་ལི།

ཀྲུང་གོ་ས་གཤིས་ཚན་རིག་ཁང་ས་གཤིས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་མཱ་ལི—— ལུའུ་ཞི·ཆེ་ཝ་ལི(རྒྱ་སྐད་ཀྱི་མིང་ལ་མཱ་ཞའོ་ལི་ཟེར)ཡིས་མཚོ་བོད་ས་མཐོའི་ཤར་རྒྱུད་ས་ཁུལ་དུ་རྟོག་ཞིབ་བྱེད་མཇུག་འགྲིལ་མ་ཐག་ཡིན་པ་དང་། མིག་སྔར་གཞུང་ལས་ཁང་དུ་རྟོག་ཞིབ་བྱས་འབྲས་ལེགས་སྒྲིག་བྱེད་བཞིན་ཡོད། མཱ་ཞའོ་ལི་ནི་ས་ཁམས་འགུལ་ཚུལ་དང་ས་ངོས་ཆགས་ཚུལ་རིག་པའི་རིགས་གཅིག་མཁས་ཅན་ཞིག་ཡིན་ཞིང་། ཁོང་ལ་ཧྥ་རན་སེ་དང་པེར་ཀྲེམ་གཉིས་ཀྱི་རྒྱལ་ཁོངས་ཐོབ་ཐང་ཡོད།

2002ལོར། མཱ་ཞའོ་ལི་ཀྲུང་གོར་ཐེངས་དང་པོ་ཡོང་ནས་མཚོ་བོད་ས་མཐོར་ཕྱི་རོལ་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་། དེ་རྗེས་མཚོ་བོད་ས་མཐོའི་ས་ཁམས་འགུལ་ཚུལ་དེ་ཚན་ཞིབ་ཀྱི་ཁ་ཕྱོགས་གཙོ་བོར་གཏན་འཁེལ་བྱས་ཡོད། ཀྲུང་གོར་ལས་ཀ་བྱས་ནས་ལོ་10ལྷག་ཙམ་སོང་རིང་། ཁོང་གིས་ཀྲུང་གོའི་རི་ཀླུང་མང་པོར་བསྐྱོད་དེ་ས་ཁམས་འགུལ་བ་ལས་ཆགས་པའི་གས་སྲུབས་ས་རྒྱུད་ཀྱི་འགུལ་ཚུལ་རིག་པ་དང་ས་ཡོམ་གྱི་ཉེན་ཁའི་རང་བཞིན་འཚོལ་ཞིབ་བྱས་ནས། སྔ་རྗེས་སུ་རིག་གཞུང་དཔྱད་རྩོམ་60ལྷག་ཙམ་སྤེལ་ཡོད་ལ། ཀྲུང་གོའི་ས་ཡོམ་གྱི་གནོད་འཚེའི་གདེང་འཇོག་མ་ལག་འཛུགས་སྐྱོང་དང་ཀྲུང་ཕྱིའི་ཚན་ཞིབ་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བས། 2021ལོར་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་ཡོད།

“ང་རང་ཀྲུང་གོའི་ཚན་ཞིབ་ཁོར་ཡུག་ལ་ཧ་ཅང་དགའ་པོ་ཡོད། ཀྲུང་གོས་ཚན་ཞིབ་དང་ཤེས་ལྡན་མི་སྣར་སྔར་བས་མཐོང་ཆེན་བྱས་ནས་ཚན་ཞིབ་རྒྱལ་ཁབ་རྩེ་གྲའི་གྲས་སུ་ཚུད་ཡོད། ཀྲུང་གོའི་ཚན་ཞིབ་ཀྱི་ཆ་རྐྱེན་དང་ཁོར་ཡུག་བཟང་པོ་དང་། དེ་བཞིན་ཀྲུང་གོ་སྲིད་གཞུང་གིས་ཚན་ཞིབ་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དེས་ཕྱི་རྒྱལ་གྱི་ཚན་རིག་མཁས་ཅན་དེ་བས་མང་བ་ཀྲུང་གོར་ལས་ཀ་བྱེད་པར་ཡོང་བའི་ཡིད་དབང་འགུགས་བཞིན་ཡོད”ཅེས་མཱ་ཞའོ་ལི་ཡིས་བརྗོད།