《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月16日

རང་ལྗོངས་ཀྱི་རིམ་ཁག་སྤྱི་བདེའི་དཔུང་ཁག་གིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་བཞི་པ་བཏང་བ།

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ།

མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ཉེན་རྟོག་པའི་དར་ཆའི་མདུན་དུ་གཟི་བརྗིད་ལྡན་པའི་ངང་དམ་བཅའ་འཇོག་པ།

གཉའ་ལམ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་མིང་རྟགས་འགོད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

ལྷ་ས་ལྕཌ་ལམ་སྤྱི་བདེ་ཁྲུའི་མི་དམངས་ཉེན་རྟོག་པས་ཉེན་རྟོག་པའི་དར་ཆར་གུས་འདུད་ཞུ་བ།

ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཁོངས་གཏོགས་རིམ་ཁག་ཏང་རྩ་འཛུགས་ཀྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་། ཉེན་རྟོག་པའི་དམ་བཅའ་བསྐྱར་དུ་འཇོག་པ། གཟི་བརྗིད་མཚན་སྙན་སྤྲོད་པ། སྔོན་ཐོན་དཔེ་བཟང་ལ་གཟེངས་བསྟོད་སྤྲོད་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་བཞི་པར་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་ཁྲིམས་འཛིན་སྲིད་འཛིན་ལས་བྱེད་པས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འོས་འགན་དང་ལས་འགན་ལྷག་བསམ་རྣམ་དག་ངང་བསྒྲུབས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་དང་ཁྲིམས་འཛིན་སྲིད་འཛིན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།

“ང་རང་འགྲམ་དུ་ལས་ཀ་བྱས་ནས་ལོ་13འགྲོ་གི་འདུག འགྲམ་འགག་སྒོ་གནས་སྐབས་བཀག་པ་ནས་སླར་ཡང་སྒོ་མོ་འབྱེད་པའི་བརྒྱུད་རིམ་ཁྲོད། འགག་སྒོ་རིམ་བཞིན་འཁྲུག་ཆ་དོད་དུ་ཕྱིན་པ་མཐོང་སྐབས་་འབྱུང་འགྱུར་ལ་རེ་བས་ཁེངས་བྱུང”ཞེས་གཉའ་ལམ་རྫོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཙེང་ཆི་མིང་གིས་བཤད། ས་ཚིགས་དེས་ཉེ་དུས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོར་བསྐྱོད་དེ། རྒྱལ་སྒོའི་འགག་སྒོའི་གཞོགས་གཉིས་དང་རོང་ས་སོགས་གཙོ་གནད་ཁུལ་དུ་སྐོར་གཡེང་ཞིབ་བཤེར་བྱས་པ་དང་འབྲེལ་ས་མཚམས་རྡོ་རིང་ལ་ཚོན་དམར་ཡང་བཏང་བ་རེད། བྱེད་སྒོ་མཇུག་འགྲིལ་རྗེས། མི་དམངས་ཉེན་རྟོག་པས་ས་མཚམས་རྡོ་རིང་ཨང་53པའི་དམག་སྒར་གྱི་གཏམ་རྒྱུད་ལྷུག་པོར་གླེང་བ་དང་ཉེན་རྟོག་པའི་ཐོག་མའི་བསམ་འདུན་ལ་བསྐྱར་དུ་དྲན་གསོ་བྱས་ཏེ་མཐའ་མཚམས་འགག་སྒོས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས། དུས་རབས་གསར་པའི་ལས་འགན་སྒྲུབ་པ་བཅས་ཀྱི་ཆོད་སེམས་མཚོན་པར་བྱས་པ་རེད།

ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཉེན་རྟོག་པའི་དམ་བཅའ་བསྐྱར་དུ་འཇོག་པ་དང་ཉེན་རྟོག་པའི་དར་ཆར་གུས་འདུད་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་མ་ཟད། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་། ཉེན་རྟོག་པའི་སྒར་ས་སྒོ་དབྱེ། མྱུར་སྐྱོབ་ཤེས་བྱ་གསོ་སྦྱོང་། བདེ་ཐང་འོས་འགན་སྨན་བཅོས་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གཟི་བརྗིད་ལྡན་ལ་བླ་ན་མེད་པའི་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།

ལྷ་ས་གྲོང་ཁྱེར་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པའི་གླུ་གཞས་གཏོང་བ་དང་། ཉེན་རྟོག་པའི་དམ་བཅའ་བསྐྱར་དུ་འཇོག་པ། གཟི་བརྗིད་ལྡན་པའི་དྲན་གསོའི་གཟེངས་རྟགས་དང་བྱ་དགའ་སྤྲོད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་དུས་རབས་གསར་པའི་བར་སྐོར་གནའ་གྲོང་གི་སྤྱི་བདེའི་དཔུང་ཁག་གི་རྣམ་པ་གསར་པ་མངོན་པར་བྱས་ནས་ཉེན་རྟོག་པའི་བློ་སེམས་སྔར་བས་གཅིག་འགྲིལ་དང་བློ་སྟོབས་སྔར་བས་འཕེལ་ཆེད་རེད། ད་དུང་རྒན་ཡོལ་ཞུས་པའི་མི་དམངས་ཉེན་རྟོག་པའི་འཐུས་མིར་གཟི་བརྗིད་ལྡན་པའི་ངང་རྒན་ཡོལ་ཞུས་པའི་དྲན་རྟེན་བྱ་དགའི་བུམ་པ་དང་། ལས་ཀ་བྱས་ནས་ལོ་40དང་། ལོ་30 ལོ་20བཅས་སོང་བའི་མི་དམངས་ཉེན་རྟོག་པར་གཟི་བརྗིད་མཚན་སྙན་གྱི་དྲན་རྟེན་རྟགས་མ། ལས་རོགས་ཉེན་རྟོག་པའི་འཐུས་མིར་དུས་ཆེན་གྱི་དྲན་རྟེན་རྟགས་མ་བཅས་སྤྲད་པ་རེད།