《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月16日

གངས་འཁྱགས་ཁྲོད་སྦྱོང་བརྡར་བྱེད།

ཉེ་དུས། གངས་བབས་པའི་གནམ་གཤིས་བསྟན་མང་བས་ཉིང་ཁྲི་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་སྨན་གླིང་རུ་འབྲིང་གིས་གངས་འཁྱགས་ཀྱི་གནོད་འཚེའི་ལས་འགན་མངོན་གསལ་དོད་པ་དང་དཔུང་ཁག་གིས“དོན་ཐུབ་པ་དང་། མཆོང་ཐུབ་པ། རྒྱལ་ཐུབ་པ”བཅས་བྱེད་པར་དམ་པོར་དམིགས་ཏེ་གངས་འཁྱགས་ཀྱི་གནོད་འཚེའི་རོགས་སྐྱོབ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ཞིང་།

འདི་ནི་ཉིང་ཁྲི་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་སྨན་གླིང་རུ་འབྲིང་གི་རྩལ་འཁྲིད་པས་རུ་མི་ཚོར་དགུན་དུས་དམག་ཆས་ཀྱི་ནུས་པ་གསལ་འགྲེལ་བྱེད་བཞིན་པ།