《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月16日

སྒོར་ཁྲི་2.6གར་སོང་ཆ་མེད་དུ་གྱུར། སྤྱི་བདེ་ཅུས་ཀྱིས་འཕྲལ་མར་རོགས་རམ་བྱས།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་དུ་གློག་འཕྲིན་འབྱོར་གསལ། “གལ་སྲིད་ཁྱེད་ཚོའི་རོགས་རམ་མེད་ཚེ། ངས་དཀའ་ལས་བརྒྱབ་པའི་དངུལ་འདི་དག་གར་སོང་ཆ་མེད་དུ་གྱུར་ནས་ག་བྱེད་འདི་བྱེད་མེད་པ་ཆགས་རྒྱུ་ཡིན་པས། ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཉིན་ཤས་གོང་། ཉི་ཆེ་གེ་མོ་ཟངས་རི་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་ཡོང་ནས“མི་དམངས་ཉེན་རྟོག་པས་དམངས་ལ་ཞབས་འདེགས་ཞུས། བོར་བའི་དངོས་པོ་ལག་ཏུ་སོན་ནས་མི་སེམས་དྲོ་བར་བྱེད”ཅེས་འཁོད་པའི་གོས་དར་ཞིག་མི་དམངས་ཉེན་རྟོག་པར་ཕུལ་ཡོད།

2023ལོའི་ཟླ་11པའི་ཟླ་མཇུག་ཏུ། ཉི་ཆེ་གེ་མོས་ལག་ཐོགས་ཁ་པར་ནས་གཡར་བའི་དངུལ་འཇལ་བའི་སྐབས་དངུལ་ཡང་སེ་བཏང་ཡང་མི་འདང་བ་མངོན་པས། དངུལ་ཁང་དུ་འདྲི་རྩད་བྱེད་པར་སྐྱོད་སྐབས་དངུལ་ཁང་གྰའི་ནང་གི་སྒོར་26000གར་སོང་ཆ་མེད་དུ་གྱུར་པ་ཤེས། “བློ་མཐུན་ཉེན་རྟོག་པ་ལགས། ཁྱེད་རྣམ་པས་ངེས་པར་ང་ལ་རོགས་རམ་བྱེད་རོགས། འདི་ལོར་དཀའ་ལས་བརྒྱབ་ནས་བསགས་པའི་དངུལ་དེ་དག་བུ་ལོན་དུ་འཇལ་དགོས་པས། གལ་སྲིད་བརླགས་ཚེ་ཇི་ལྟར་བྱེད་དགོས་སམ”ཞེས་ཉི་ཆེ་གེ་མོས་དངངས་སྐྲག་ཆེན་པོས་ངུ་བཞིན་དུ་བཤད།

གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཟངས་རི་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འཕྲལ་མར་བྱ་སྤྱོད་སྤེལ་ནས་ཕྱོགས་མང་པོར་འདྲི་ཞིབ་བྱས་པ་བརྒྱུད། ཉི་ཆེ་གེ་མོའི་དངུལ་ཁང་གྰའི་ནང་གི་དངུལ་དེ་རང་ཉིད་ཀྱི་མིང་ཐོག་ཏུ་ཡོད་པའི་སྐད་འཕྲིན་གྱི་རྩིས་ཁྲར་བླུགས་པ་དང་ཐེང་ཤུན་གྱི་གཞུང་ཕྱོགས་ཞབས་ཞུ་བར་འབྲེལ་བ་བྱས་ནས་རྩིས་ཁྲ་ནས་དངུལ་གཏོང་སྤྲོད་འཕྲལ་མར་མཚམས་བཞག་པ་ཤེས།

“དངུལ་དེ་ངས་ཐོ་འགོད་མ་བྱས་པའི་སྐད་འཕྲིན་གྱི་རྩིས་ཁྲར་གང་འདྲ་བྱས་ནས་འབྱོར་བ་ཡིན”ཞེ་ན། བརྟག་དཔྱད་བྱས་པ་བརྒྱུད། ཉི་ཆེ་གེ་མོས་དེ་སྔོན་དྲ་ངོས་སུ་འཛུལ་ནས་ལྟ་སྐབས“གོང་ཁེ་པོ་ཡོད། ཧ་ཅང་ཁེ་པོ་ཡོད”ཅེས་པའི་ཚོང་ཟོག་གི་སྦྲེལ་མཐུད་ཅིག་མཐོང་ནས་དེ་མནན་རྗེས། རང་སྒེར་གྱི་ཐོབ་ཐང་ཆ་འཕྲིན་དང་དངུལ་ཁང་གྰའི་ཆ་འཕྲིན་ཕྱིར་གྱར་བ་དང་། ཕ་རོལ་པོས་ཉི་ཆེ་གེ་མོའི་འབྲེལ་ཡོད་ཆ་འཕྲིན་སྐད་འཕྲིན་དང་སྦྲེལ་ནས་དངུལ་ཁང་གྰའི་ནང་གི་དངུལ་སྐད་འཕྲིན་གྱི་རྩིས་ཁྲར་བདེ་བླག་ངང་བསྒྱུར་ཡོད།

ཉེན་རྟོག་ཕྱོགས་ཀྱིས། ངོ་མ་ཤེས་པའི་མིའི་འཕྲིན་ཐུང་འབྱོར་རྗེས། དོགས་པ་བཟས་ནས་འབྲེལ་མཐུད་བྱེད་སྐབས། དེར་ཡིད་ཆེས་དང་མཛུབ་མོས་གནོན་མི་རུང་། ལྷག་པར་དུ་རང་སྒེར་གྱི་ཆ་འཕྲིན་འབྲི་བ་དང་འབྲེལ་བ་ཡོད་ཚེ་དེ་བས་ཀྱང་བསྐུར་མི་རུང་། གལ་སྲིད་ཕ་རོལ་པོས་བརྙན་ལམ་མཉམ་སྤྱོད་དང་རྒྱང་ཁྲིད་རོགས་འདེགས་ཞུ་བའི་རེ་བ་བཏོན་ཚེ། དོགས་ཟོན་ཆེར་སྐྱེད་བྱས་ནས་ཐོབ་ཐང་ཞིབ་དཔྱད་བྱས་ཏེ་རྒྱུ་ནོར་གྱི་གྱོང་གུན་མི་ཕོག་པ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།