འདི་ག་ཚགས་པར་ཁང་དུ་གམ་པ་ནས་གློག་འཕྲིན་འབྱོར་གསལ། 2023ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཚད་གཞི་མཐོ་བའི་སྤྱི་ཕན་གཏུག་བཤེར་གྱི་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་བཙུགས་ནས། བརྟག་དཔྱད་བྱེད་དཀའ་བ་དང་དཔང་རྟགས་ལེན་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། སྤྱི་ཕན་གཏུག་བཤེར་གྱི་གྱོད་སྒྲུབ་སྤུས་ཚད་དང་ནུས་པ་སྔར་བས་ཆེ་རུ་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།
ཚོད་ལྟ་ཁང་དེས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་དང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་གྱོད་དོན་སྒྲུབ་གཉེར་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱས་ཏེ་བཟའ་བཅའི་མ་བཅོས་རྒྱུ་ཆ་དང་། སྐྱེ་ཁམས་སྲུང་སྐྱོང་། བཟའ་བཏུང་ཁོར་ཡུག ཚོང་རྫས་སྔོན་བཤེར། བཤེར་རྫས་ཉར་ཚགས་སོགས་ཁྱབ་ཁོངས་ཆེན་པོ་དྲུག་བཀོད་སྒྲིག་བྱས་ཡོད་ལ། བྱེད་ནུས་ཁྱབ་ཁོངས་ཁག་ཁྱོན་ཡོངས་ནས་མཉམ་འགུལ་བྱས་པས་སྤྱི་ཕན་གཏུག་བཤེར་གྱི་གྱོད་སྒྲུབ་དགོས་མཁོ་དང་འཚམ་པོ་ཡོད་པ་རེད།(དམ་ཆོས་མི་ཕམ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)