ཉེ་དུས། སྐམ་དམག་གིས་2024ལོའི་སྦྱོང་བརྡར་གྱི་འགོ་ཚུགས་སྐུལ་སློང་གཅིག་གྱུར་སྒྲིག་འཛུགས་བྱས་པ་དང་། ལྷ་ས་ཉེན་སྲུང་དམག་ཁུལ་ཁང་གིས་བཀའ་འབྱོར་མ་ཐག་འཕྲལ་དུ་དཔོན་དམག་ཡོངས་སྒྲིག་འཛུགས་བྱས་ནས་གཅིག་སྡུད་སློབ་སྦྱོང་བྱས་ཏེ། དམག་སྦྱོང་དམག་གྲབས་ཀྱི་བསམ་བློ་སྔར་བས་གཅིག་གྱུར་དང་། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཤུགས་ཆེན། དམག་ཞུགས་དམག་རྒྱག་དང་། དམག་ཁྲིད་དམག་རྒྱག དམག་སྦྱོང་དམག་རྒྱག་བཅས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས“སྐོང་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་ཡིན་པ”བཅས་ཀྱི་ས་མཐོའི་དཔུང་སྡེ་ཞིག་ཧུར་ཐག་གཏོད་ཐུབ་པར་བྱས་པ་རེད།
པར་འདི་གཉིས་ནི་བོད་ལྗོངས་ལྷ་ས་ཉེན་སྲུང་དམག་ཁུལ་ཁང་གི་2024ལོའི་ལོ་འཁོར་གྱི་དམག་དོན་སྦྱོང་བརྡར་གྱི་འགོ་ཚུགས་སྐུལ་སློང་ཚོགས་འདུ་འཚོག་བཞིན་པ།