འདི་ག་ཚགས་པར་ཁང་དུ་ལྷོ་བྲག་ནས་གློག་འཕྲིན་འབྱོར་གསལ། “ཁྲིམས་འཛིན་རོགས་དངུལ་དེས་དཀའ་ངལ་སེལ་ཐུབ་པའི་རེ་བ་ཡོད”ཉེ་ཆར་ལྷོ་བྲག་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་དབྱངས་ཆེ་གེ་མོའི་ཁྱིམ་དུ་བསྐྱོད་དེ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་དངུལ་སྒོར་ཁྲི་3སྤྲད་ནས་ཞིབ་དཔྱོད་ཁང་གི་དྲོ་སྐྱིད་དང་ཐུགས་ཁུར་མཚོན་པར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་བྲག་རྫོང་ཞིབ་དཔྱོད་ཁང་གིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དབྱངས་ཆེ་གེ་མོའི་ཁྱིམ་ཚང་ལ་དཀའ་ངལ་འཕྲད་པ་ཤེས་རྗེས། ཁོང་གནས་སའི་གྲོང་ལྷན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་བསྐྱོད་དེ་གནས་ཚུལ་བརྟག་དཔྱད་བྱས་ནས་ཁོང་ལ་དངོས་འབྲེལ་དཀའ་ངལ་འཕྲད་པ་ཤེས་རྗེས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་དངུལ་རེ་ཞུ་བྱས་པས་ཞིབ་དཔྱོད་ལས་ཁུངས་ཀྱི་ཐུགས་ཁུར་ཚོར་ཐུབ་ཡོད།
ལྷོ་བྲག་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ཐད་ཀར་མང་ཚོགས་ལ་ཕྱོགས་པ་མ་ཟད། མི་དམངས་མང་ཚོགས་ཀྱི་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་པ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་མང་ཚོགས་ལ་སྒྲུབ་པའི་ལས་དོན་ཡིན་ལ། དཀའ་ངལ་ཡོད་པའི་མང་ཚོགས་ལ་འབྲེལ་བ་བྱེད་པའི་འབྲེལ་ཟམ་ལྟ་བུར་གྱུར་ཡོད། གོམ་སྟབས་རྗེས་མར། ལྷོ་བྲག་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་ཐེག་པ་འཁུར་ལེན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ལག་བསྟར་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་རེད།