ཉེ་ཆར་ཕི་ཁ་རླངས་འཁོར་ཞིག་གི་སྣུམ་གྱི་ཆུ་ཚོད་འཕྲོ་བརླག་ཤོར་ནས་ཁ་ལོ་བས་སྣུམ་སྣོད་ནང་སྣུམ་ཡོད་མེད་ཚོད་དཔག་མི་ཐེག་པར་དུས་ཐོག་ཏུ་སྣུམ་བླུགས་ཐུབ་མེད་པས། མཐར་སྣུམ་རྫོགས་ཏེ་ཆུ་གསུམ་རྫོང་ཁོངས་ཀྱི་རྒྱལ་ལམ་560གྱི་ལམ་རྒྱུད་དུ་ལུས་ཤིང་། ཆུ་གསུམ་རྫོང་སྤྱི་བདེ་ཅུས་ཤར་བྱང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ཉེན་བརྡའི་ཁ་པར་འབྱོར་རྗེས་འཕྲལ་མར་རླངས་འཁོར་ལུས་སར་རོགས་སྐྱོབ་བྱེད་པར་བསྐྱོད་པ་རེད།
འདི་ནི་རོགས་སྐྱོབ་མི་དམངས་ཉེན་རྟོག་པས་སྣུམ་སྣོན་ས་ཚིགས་ནས་སྣུམ་ཉོས་རྗེས་གཞུང་ལམ་དུ་ལུས་པའི་རླངས་འཁོར་ལ་སྣུམ་བླུག་བཞིན་པ།