《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月09日

ཕྲུ་གུ་ཞིག་བརླགས་པ་མི་དམངས་ཉེན་རྟོག་པས་ཆུ་ཚོད་ཕྱེད་ཀའི་ནང་བཙལ་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་བུད་མེད་ཅིག་གིས་དངངས་འཚབ་ཆེན་པོས་སྣེ་གདོང་ཆུས་སྤྱི་བདེ་ཅུས་འཚོང་འདུས་ལས་སྒྲུབ་ས་ཚིགས་སུ་ཡོང་ནས“ངའི་བུ་མོ་བརླགས་འདུག ཁྱེད་ཚོས་འཚོལ་རོགས་གནང”ཞེས་མི་དམངས་ཉེན་རྟོག་པར་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚམས་ཆེ་གེ་མོས་ལོ་5ལ་སླེབས་པའི་བུ་མོ་ཁྲིད་ནས་ཚོང་འདུས་ནས་ཟས་རིགས་ཉོས་རྗེས་ཕྱིར་བལྟས་སློག་སྐབས་བུ་མོ་མེད་པ་ཤེས།

མི་དམངས་ཉེན་རྟོག་པས་བུ་མོའི་ངོ་རིས་དང་གྱོན་གོས་གང་གྱོན་མིན་སྐད་ཆ་གསལ་པོ་དྲིས་པ་དང་། བུ་མོའི་པར་འཕྲལ་མར་ཚོང་འདུས་ལས་སྒྲུབ་མི་དམངས་ཉེན་རྟོག་པའི་ལག་ཐོགས་ཁ་པར་ནང་བསྐུར་ཏེ་མགྱོགས་པོ་ཕྲུ་གུ་འཚོལ་དགོས་པའི་བརྡ་བཏང་བ་རེད།

ས་གནས་ས་ཐོག་གི་མི་དམངས་ཉེན་རྟོག་པའི་རོགས་རམ་འོག ཆུ་ཚོད་ཕྱེད་ཀ་སོང་རྗེས་བརླགས་པའི་ཕྲུ་གུ་རྙེད་པ་རེད བུ་མོ་བདེ་མ་ཐང་མ་ཡིན་པ་མཐོང་རྗེས་མཚམས་ཆེ་གེ་མོས་རང་དབང་མེད་པར་བུ་མོར་འཐམས་ནས་ངུས། མ་བུ་མཉམ་འཛོམས་བྱུང་རྗེས་མི་དམངས་ཉེན་རྟོག་པ་ཚོ་ཡང་སེམས་པ་ལྷོད་ལ་བབས་པ་རེད།

ཉེན་རྟོག་པས། ཁྱིམ་བདག་ཚོས་ཕྲུ་གུ་ཕྱིར་ཁྲིད་སྐབས་ངེས་པར་དུ་ཡིད་གཟབ་བྱེད་དགོས་པ་དང་། ལྷག་པར་དུ། མི་སྣ་འདུ་འཛོམས་ཆེ་ཁུལ་དུ་དེ་བས་དོགས་ཟོན་བྱས་ཏེ་ཕྲུ་གུ་རང་ཉིད་ཀྱི་འཁྲིས་ནས་ཁ་འབྲལ་དུ་འཇུག་མི་རུང་བའི་ཤ་ཚའི་དྲན་སྐུལ་བྱས་པ་རེད།