རྣམ་གླིང་རྫོང་སྤྱི་བདེ་ཅུས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”དེ་ཐོག་མཐའ་བར་གསུམ་དུ་ལས་དོན་ཁག་གི་འགོ་འཛུགས་ས་དང་དོན་ལ་བབས་རྩར་བརྩིས་ནས“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”འཛུགས་གཏོད་ཀྱི་བྱེད་སྒོ་རྒྱབ་རྟེན་དུ་བྱེད་པ་དང་། རྫོང་ཨུད་ཀྱི“553x”གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཉམས་མྱོང་དང་བྱེད་སྟངས་ལག་ལེན་ཤུགས་ཆེན་བསྟར་བ། ངས་མང་ཚོགས་ལ“ཁྲིམས་སྐྱོང་ཁྱབ་གདལ་དང་། ཞབས་འདེགས་སྤུས་ལེགས་ཞུ་བ། འགོག་ཟོན་བྱེད་ལུགས་ཤོད་པ། དུས་བདེ་སྲུང་སྐྱོང”བཅས་བྱེད་པའི་བྱེད་ཐབས་ཁག་བཞིར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་བ་རེད།
འདི་ནི་རྣམ་གླིང་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་ཡུལ་སྐོར་བར་རླངས་འཁོར་འབུད་རོགས་བྱེད་བཞིན་པ།