འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གོང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་སྲིན་བུ་རི་སློབ་འབྲིང་དང་མཉམ་དུ་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་སློབ་གསོའི་གྲོས་མཐུན་བཞག་པ་རེད། རིམ་པ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ད་དུང་སྲིན་བུ་རི་སློབ་འབྲིང་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
རིམ་པ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་དཔོན་གྱིས་ཞིབ་དཔྱོད་འགན་ནུས་ལ་གཞི་ཚུགས་པ་དང་གྱོད་གཞི་དངོས་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》ལ་དམིགས་ནས་བཅའ་ཁྲིམས་འགྲེལ་བཤད་དང་གནས་ལུགས་བཤད་པ། སློབ་གྲྭའི་ཕྱི་ནང་གི་བདེ་འཇགས་ཐད་ནས་སློབ་གྲོགས་ཚོར“གང་འདྲ་ཞིག་ལ་སློབ་གྲྭའི་ནང་གི་བརྙས་བཅོས་ཟེར་བ”དང་། “སློབ་གྲྭའི་ནང་གི་བརྙས་བཅོས་ཕོག་ཚེ་ཇི་ལྟར་བྱེད་དགོས་སམ”སོགས་གླེང་མང་བའི་གནད་དོན་ལ་འགྲེལ་བཤད་བརྒྱབ་པ། སློབ་མ་ཚོར་གྱོད་གཞི་དཔྱད་གཞིར་འཛིན་པ་དང་ཁྲིམས་སྐྱོང་གི་འདུ་ཤེས་དང་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་བརྟན་པོ་འཛུགས་པའི་ཁྲིད་སྟོན་བཅས་བྱས་ནས། སློབ་གྲོགས་ཚོར་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་བརྒྱབ་པ་རེད།
(དཀོན་སྒྲོལ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)