《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年01月09日

ལྷ་ས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས།

“དངོས་སྡོད་བརྟག་ཞིབ”ཀྱི་ལྟ་སྐུལ་ལས་དོན་སྤེལ་སྟངས་གཏིང་ཟབ་སྤྱད་དེ་ཆབ་སྲིད་ཀྱི་ལྟ་སྐུལ་ལས་དོན་ལ་ཕན་འབྲས་དངོས་ཐོན་པ།

འདི་ལོ་ཚུན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དངོས་སྡོད་བརྟག་ཞིབ་ལས་དོན་ཚོགས་ཆུང་བཙུགས་ཏེ། གཏན་འབེབས་བྱས་པའི་རིགས་ཆེན་པོ་6གི་ལྟ་སྐུལ་ལས་འགན་གསལ་ཐོ་51དང་། སྐོར་ཞིབ་ལྡོག་འདྲེན་གནད་དོན་གསལ་ཐོ། རྩིས་བཤེར་ལྡོག་འདྲེན་གྱི་གནད་དོན་གསལ་ཐོ་གཞིར་བཟུང་ལྗོངས་ཐད་གཏོགས་ཚན་པ་4དང་། ཁྲོམ་གཞུང་དོན་གཅོད་ཁང་9 གྲོང་ཚོ(གྲོང་ལྷན)39 འཕྲོད་བསྟེན་ཞབས་འདེགས་ལྟེ་གནས(ས་ཚིགས)9བཅས་ལ་དངོས་སྡོད་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་གནད་དོན་ཁག་145ཤེས་རྟོགས་བྱུང་ནས་འབྲེལ་ཡོད་ཚན་པས་དག་ཐེར་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད།

ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་པར་གཙོ་བོ་གནད་སྨིན་རེད་ལ་དཀའ་གནད་ཀྱང་ཡོད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་ཐུབ་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་ལྟ་སྐུལ་ལ་སྐུལ་འདེད་བཏང་ནས“མངོན་ཡོད་ཁྱབ་གདལ”ནས“ཁྱབ་གདལ་ནུས་ལྡན”བར་རིམ་པ་སྤར་བ་གཙོ་གནད་ལས་དོན་ལ་བརྩིས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་བླང་བྱ་ཞིབ་ཕྲར་གཞིགས་ནས། གྲོང་ཁྱེར་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམིགས་ཏེ་ལོ་ལྟར་ཚན་པ་1ནས་2བར་གཙོ་གནད་བདམས་ནས “དུས་བཀག་+གནས་སྐབས”ཀྱི་ཐབས་ལམ་སྤྱད་དེ་ཟླ་གཅིག་ཙམ་གྱི་དུས་ཡུན་སྤྱད་དེ་ལྟ་སྐུལ་ཚན་པར་གཤམ་སྐྱོད་བྱས་ནས“དངོས་སྡོད་བརྟག་ཞིབ”ལས་དོན་སྤེལ་བ་དང་། ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་ཤུགས་ཏན་ཏིག་བརྒྱབ་སྟེ་ཕུན་སུམ་ཚོགས་པའི་གཞི་རྟེན་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།

ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཞན་པའི་གནད་དོན་ཐག་གཅོད་བྱ་ཆེད། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“ལྟ་བ་དྲུག”དང“གདེང་ཚོད་ཡོད་པ་བཞི”ལྟེ་བར་བྱས་པའི“དངོས་སྡོད་བརྟག་ཞིབ”ཀྱི་ལྟ་སྐུལ་ལས་དོན་སྤེལ་སྟངས་འཚོལ་ཞིབ་བྱས་ཡོད། ལྟ་སྐུལ་ཚན་པའི་གཙོ་གནད་ལས་དོན་དང་ལས་རིགས་ཁྱབ་ཁོངས་ཀྱི་ཁྱད་ཆོས་རིགས་དབྱེ་ནས་ལྟ་སྐུལ་ཇུས་གཞི་དང་བརྟག་ཞིབ་ཀྱི་ཆེད་དོན་དང་ཟུང་འབྲེལ་བྱས་ནས། ཉེ་འགྲམ་གྱི་ལྟ་སྐུལ་དང་ས་གནས་ས་ཐོག་གི་བརྟག་ཞིབ་བྱེད་རིང་བརྒྱུད་བསྒྲགས་དང་། བྱེད་ཐབས། ལྷུ་ཚིགས། གཙོ་གནད། བརྒྱུད་རིམ། སྐྱོན་ཆ་བཅས་ལ་བལྟས་ནས་ཚན་ཁག་ཁོངས་མིའི་གཞི་རྩའི་གནས་ཚུལ་དང་། ལྟ་སྐུལ་སྡེ་ཚན་གྱི་གཙོ་འགན་གཙོ་ལས། ལྟ་སྐུལ་ཚན་པའི་སྲིད་གཙང་ཉེན་ཁའི་གནས། ལྟ་སྐུལ་ཚན་པའི་ལོ་འཁོར་གྱི་གཙོ་གནད་ལས་དོན་དང་གཙོ་གནད་ལས་འགན་བཅས་སེམས་ལ་གདེང་ཚོད་ཡོད་པར་བྱས་ནས་ལྟ་སྐུལ་འགག་སྒོ་སྔར་བས་ནུས་པ་ཐོན་པར་སྐུལ་འདེད་བཏང་སྟེ་ལྟ་སྐུལ་ལས་དོན་གནད་སྨིན་དང་ནུས་ལྡན་སྤེལ་བ་རེད།

སྟག་རྩེ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་གསལ་ཐོ་51ཞིབ་ཚགས་ངང་བཟོས་པ་དང་། སྙེ་མོ་རྫོང་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས“སྤྱོད་ཚུལ་འཛུགས་སྐྱོང་ལོ”དང“གཞི་རིམ་བཅོས་སྐྱོང་ལོ”སོགས་ལས་ཀའི་བླང་བྱར་དམིགས་ནས། ཕྱོགས་6གི་གཙོ་གནད་ལྟ་སྐུལ་རྣམ་གྲངས་52གསེད་བཀྲོལ་བྱས་པ་སོགས་ཕྱོགས་མང་མཉམ་སྒུལ་དང་ཞིབ་བཤེར་འགག་སྒོ་ནན་པོ་བསྲུངས་པ་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ“ཁྱབ་ཁོངས་རེར་ཆེད་དོན་རེ་དང་ལས་དོན་རེར་ཇུས་གཞི་རེའི”རྩ་དོན་ལྟར། ལྟ་སྐུལ་ལས་འགན་གྱི་གསལ་ཐོ་རིགས་དབྱེ་ཞིབ་ཚགས་སུ་གཏོང་བ་དང་། དུས་མཚམས་རང་བཞིན་གྱི་གཙོ་གནད་ལས་དོན་འགུལ་རྣམ་གསར་བརྗེ་དང་ཟུང་འབྲེལ། ལྟ་སྐུལ་ཁ་ཕྱོགས་དང་གཙོ་གནད་སྔར་བས་ཁ་གསལ་བཟོ་བ་བཅས་བྱས་ནས། “དངོས་སྡོད་བརྟག་ཞིབ”ཀྱི་སྒོ་འཛུགས་ས་དང་ཤུགས་རྒྱག་ས་ཡང་དག་འཚོལ་བ་དང་ལྟ་སྐུལ་བྱ་ཡུལ་ཚན་པའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ། ཁྱབ་ཁོངས་ཁག་དང་ལས་རིགས་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

“དངོས་སྡོད་བརྟག་ཞིབ”དང“འབེན་ཡོད་སར་མདའ་འཕེན་པའི”འགན་ལེན་བྱ་ཆེད། གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་པའི”རྩ་དོན་མཐའ་འཁྱོངས་དང་། “གཙོ་འགན་འཁུར་མཁན”དང་འགོ་ཁྲིད་ཚན་ཁག་སོགས་འགག་རྩའི་ཉུང་ཤས་དང་ལས་གནས་གལ་ཆེན་ལ་དམིགས་པ། དངུལ་རྩ་དང་གཞུང་ཁོངས་ཁེ་ལས་སོགས་མ་དངུལ་འདུས་ཆེ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་གཙོ་གནད་ཁྱབ་ཁོངས་ལ་ཤུགས་རྒྱག་པ། དམིགས་ས་ཡོད་པའི་སྒོ་ནས“དངོས་སྡོད་བརྟག་ཞིབ”ལ་ལྟ་སྐུལ། “བྱེ་བྲག་གི་རང་བཞིན”ལ་དམ་འཛིན་དང“ཁྱོན་ཡོངས”སྟངས་འཛིན་ཟུང་དུ་འབྲེལ་བ་བཅས་བྱས་ཏེ། དེའི་བསམ་བློ་འཛུགས་སྐྱོང་གི་ཞན་ཆ་དང་། དབང་ཆ་འཁོར་རྒྱུག་གི་ཉེན་ཁ། སྒྲིག་ཁྲིམས་ལྟ་སྐུལ་གྱི་ཁུག་ཆ་བཅས་ཤེས་རྟོགས་ཐུབ་པ་དང་གནད་དོན་གྱི་འབྱུང་རྐྱེན་སྔོག་འདོན་བྱེད་པར་སྣང་ཆེན་བྱས་ནས། བསམ་བློའི་འབྱུང་རྩ་དང་ལམ་ལུགས་འཛུགས་སྐྱོང་གི་ཞན་ཆ་གནད་འཁེལ་བཙལ་ཡོད། “དངོས་སྡོད་བརྟག་ཞིབ”གི་ལྟ་སྐུལ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ཞིབ་ཕྲ་ལ་དམིགས་ནས། “གནས་དང་གནས”ཀྱི་བྱེད་ཐབས་སྤྱད་དེ་ལྡོག་འདྲེན་བྱས་ཏེ། འབྲེལ་ཡོད་ཚན་པར་གནད་དོན་གསལ་ཐོ་ཅན་དང་དག་ཐེར་རྩིས་ཁྲ་ཅན་མཐའ་འཁྱོངས་དང་ཆེད་མིས་སྒྲུབ་པར་ལྟ་སྐུལ་དང་ཨང་རྟགས་མེད་པར་བཟོས་ནས་དག་ཐེར་བྱེད་དུ་བཅུག་སྟེ་གནད་དོན་ཕྱིར་མངོན་པར་བྱས་ཡོད།

མལ་གྲོ་གུང་དཀར་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ཁྱབ་ཁོངས་ཀྱི་གནད་དོན་ཁུངས་སྣེ་5ཤེས་པ་དང་། འདམ་གཞུང་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་དམ་པོར་དམིགས་ནས། གྱོད་གཞི་ཁག་3ཞིབ་བཤེར་ཐག་གཅོད་བྱས་ཏེ་སྒྲིག་འགལ་མ་དངུལ་སྒོར་ཁྲི་6.7ལྷག་ཙམ་བདའ་འདེད་བཏང་བ། ལྷ་ས་གྲོང་ཁྱེར་ས་གཙང་ཀུང་སིའི་སྒྲིག་ཨུད་ཀྱིས་གནད་དོན་78ཤེས་པ་དང་གནད་དོན་གྱི་ཁུངས་སྣེ་3རྩིས་སྤྲོད་བྱས་པ་སོགས་དེ་དག་ནི་གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ཏེ“དངོས་སྡོད་བརྟག་ཞིབ”ཀྱི་ལྟ་སྐུལ་ལ་བརྟེན་ནས་རང་འགུལ་ངང་ཕར་རྒོལ་བྱས་ཏེ་ཕུལ་བའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཞིག་རེད།

(ལྷག་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)