རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་གཏོད་པ། རྟེན་མཛོད་ཁང་གི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་བཅས་ནུས་ལྡན་ངང་སྤྱོད་ཆེད། ཉེ་ཆར། བོད་ལྗོངས་རྟེན་མཛོད་ཁང་གིས“2024ལོའི་བོད་ལྗོངས་རྟེན་མཛོད་ཁང་གིས་སྨོན་འདུན་ཞུ་བའི”བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་བཀྲ་ཤིས་ཁུག་མ་100གྲ་སྒྲིག་བྱས་ཡོད་པ་དང་ལྟ་སྐོར་བས་བཀྲ་ཤིས་ཁུག་མ་འཐེན་པ་དང་བྱ་དགའི་དངོས་པོ་ལེན་པའི་རྣམ་པའི་ཐོག་ནས་བྱེད་སྒོར་ཞུགས་ཏེ་2024ལོའི་ཉིན་དང་པོར་སྨོན་འདུན་བཟང་པོ་ཞུས་ཤིང་། འདི་ནི་ལྟ་སྐོར་བས་བཀྲ་ཤིས་ཁུག་མ་འདེམས་བཞིན་པ།