《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》





2024年01月02日

དཀོན་མཆོག་ཚེ་རིང་གི་རྩོམ་ཡིག་བདམས་བཀོད།

དཀོན་མཆོག་ཚེ་རིང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་དུ་ལྟེ་ཁྲག་འཕོས་ཤིང་། སྤྱི་ལོ་༢༠༡༧ལོར་བོད་ལྗོངས་ཞིང་འབྲོག་སློབ་གླིང་ནས་སློབ་མཐར་ཕྱིན། ༢༠༡༩ལོ་ནས་བཟུང་ལྷ་ས་དུང་དཀར་སྐད་ཡིག་སློབ་གྲྭར་བོད་ཡིག་དགེ་རྒན་གྱི་ལས་གནས་བཟུང་། སློབ་ཁྲིད་ཀྱི་ཞོར་དུ་བརྡ་སྤྲོད་ཀྱི་གཞུང་དང་སྙན་ངག་མངོན་བརྗོད་སོགས་ལ་སྦྱངས་པ་བྱས། ནམ་རྒྱུན་དཔེ་ཀློག་དང་རྩོམ་ཡིག་ཐན་ཐུན་འབྲི་བར་ལྷག་ཏུ་དགའ། དཔར་དུ་སྐྲུན་ལ་ཉེ་བའི་བརྩམས་ཆོས་ལ 《སྔགས་ཡིག་ཀློག་ཐབས་ཁ་གསལ་གོ་བདེ་མ》དང《སུམ་རྟགས་འགྲེལ་པ་ཁ་གསལ་གོ་བདེ་མ》《སྙན་རྩོམ་སེམས་ཀྱི་དྲན་འཆར》སོགས་ཡོད། ༢༠༢༣ལོའི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་ཀྲུང་གོའི་གྲངས་ཉུང་མི་རིགས་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭའི་ཤེས་རམས་ཞིབ་འཇུག་སློབ་མ་ཡིན།