《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》





2024年01月02日

འགལ་ཟླ་གྲལ་བཤེར་བྱས་ཏེ་ཞི་མཐུན་སྲུང་སྐྱོང་བྱེད་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་ཁྲིམས་འཛིན་སུའོ་ཡིས་གྲོང་ཚོ་ཁག་ཏུ་འགལ་ཟླ་དང་རྩོད་གཞིར་གྲལ་བཤེར་བྱེད་པའི་ལས་དོན་སྤེལ་བ་རེད།

བསལ་ཟིན་པའི་འགལ་ཟླ་དང་རྩོད་གཞིར་དམིགས་ནས་ད་ཐེངས་ཀྱི་གྲལ་བཤེར་གོ་སྐབས་སུ་བཟུང་སྟེ། “ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས་འགལ་ཟླ་དང་རྩོད་གཞི་བྱུང་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། འགལ་ཟླ་བསལ་རྗེས་གནས་ཚུལ་ལ་འགྱུར་ལྡོག་བྱུང་ཡོད་མེད་ལ་དོ་ཁུར་བྱས་ནས་འགལ་ཟླ་དང་རྩོད་གཞི་སླར་ཡང་མི་ཐོན་པར་བྱས་པ་རེད། འདི་ནི་རྟ་དཀར་གྲོང་རྡལ་ཁྲིམས་འཛིན་སུའོ་ཡི་ལས་དོན་པས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱེད་བཞིན་པ།